ཨ་ལྕག་སྒྲོལ་མ་ལགས། ཁྱེད་རང་མོ་ལོ་ག་ཙམ་ཡིན།
ཨ་ལྕག་སྒྲོལ་མ་ལགས། རང་ལ་བུ་གུ་ག་ཙམ་ཡོད།
( ཨ་ལྕག་སྒྲོལ་མ ) ཉི་འོད་ཟོ་གང་བཞོས་ནས་སྤྲིན་དཀར་ཟོ་གང་ཁུར་ཡོད།
གཞས་ཆུང་སྙན་མོ་རླུང་ཁའི་དྲིལ་ཆུང་འདྲ།( ཨ་ལྕག་སྒྲོལ་མ )
རང་གི་གླུ་སྐད་དེ་མེ་ཏོག་གི་མདུད་པས་བཅིངས་ན་ཡང་།
ཁྲ་ཆུང་མིག་གི་མཐའ་ལ། (ཨ་ལྕག་སྒྲོལ་མ)
ཚ་མོ་ཚ་མོ་ག་རེ་འཁྱིལ་བྱུང་། ཨ་ལྕག་སྒྲོལ་མ་ལགས།
ཨ་ལྕག་སྒྲོལ་མ་ལགས།ཁྱེད་རང་མོ་ལོ་ག་ཙམ་ཡིན།
ཨ་ལྕག་སྒྲིལ་མ་ལགས།རང་ལ་བུ་གུ་ག་ཙམ་ཡོད།
(ཨ་ལྕག་སྒྲོལ་མ)སྐར་མ་རུམ་གང་སྒྲུག་ནས་སེམས་ཁྲལ་རུམ་གང་བསྙལ་ཡོད།
རང་གི་མཆོད་མེ་གསེར་གྱི་མེ་ཏོག་འདྲ།(ཨ་ལྕག་སྒྲོལ་མ)
གནའ་བོའི་སྦྲ་ཆུང་འདི་ནས།རང་གི་ལང་ཚོ་དེ་ལོ་ཟླ་ཡི་རླུང་གིས་ཟད་ན་ཡང་།
ཡ་ཆུང་སེམས་ཀྱི་མཐིལ་ལ། (ཨ་ལྕག་སྒྲོལ་མ)
དྲོན་མོ་དྲིན་མོ་ག་རེ་འཁྱིལ་བྱུང་།ཨ་ལྕག་སྒྲོལ་མ་ལགས།