思念

歌手: 索朗扎西

དྲན།

གཞས་པ་བསོད་ནམས་བཀྲ་ཤིས།

གཞས་ཚིག་སྒྲིག་སྤྱོར་བ་གཡུ་རྔོག་ཁ་བའི་ཕུག་རོན།

ང་ཡི་རྩ་བའི་བླ་མ།

ནམ་མཁའི་དབྱིངས་ལ་འཕུར་སོང་།

ང་ཡིས་བླ་མ་དྲན་ནས།

མིག་མཐའ་མཆི་མས་བསྐོར་སོང་།

ཨ་རོགས་ཐང་དཀར་རྒོད་པོ།

གཤོག་རྩལ་ང་ལ་གཡོར་དང་།ཡེ་་ང་ལ་གཡོང་དང་།

ཨ་སྔོན་ནམ་མཁའི་དབྱིངས་སུ།

བླ་མ་མཇལ་གྱི་འགྲོ་རྒྱུ།ཡེ་་་་མཇལ་གྱི་འགྲོ་རྒྱུ།

ང་ཡི་སྤུན་ཟླའི་ལག་རྡང་།

ཕྱོགས་བཞིའི་ཀློང་ལ་འཐོར་སོང་།

ང་ཡིས་སྤུན་ཆུང་དྲན་ནས།

སེམས་པ་སྡུག་གི་གང་སོང་།

ཨ་རོགས་རྟ་མཆོག་རྐྱང་རྒོད།

བང་རྩལ་ང་ལ་གཡོར་དང་།ཡེ་་་་ང་ལ་གཡོར་དང་།

འཛམ་གླིང་ཕྱོགས་བཞིའི་གླིང་སུ།

སྤུན་ཆུང་བཙལ་གྱི་འགྲོ་རྒྱུ།ཡེ་་་་བཙལ་གྱི་འགྲོ་རྒྱུ།

ང་ཡི་དྲན་ཆེན་ཕ་མ།

མུན་ནག་ཕྱི་མར་སླེབས་སོང་།

ང་ཡིས་ཕ་མ་དྲན་ནས།

ཉིན་དཀར་མུན་ནག་ནོར་སོང་།

ཨ་རོགས་འཛམ་གླིང་ཉི་མ།

ང་ལ་འོད་ཟེར་གནོངས་དང་།ཡེ་་་་་་འོད་ཟེར་གནོངས་དང་།

མུན་ནག་ཕྱི་མའི་ཡུལ་དུ།

ཕ་མ་བཙལ་གྱི་འགྲོ་རྒྱུ།ཡེ་་་་་་་བཙལ་གྱི་འགྲོ་རྒྱུ།