六字真言

歌手: 甲雍

དམའ་རྒྱ་མཚོ་ཡོ་་་དམའ་རྒྱ་མཚོ་ཡོ་་་འུ་་་་་

དམའ་རྒྱ་མཚོའི་ཁ་ནས་བྱ་ལོང་ཡར་ཡར་འཕུར།།

ཡི་མུག་པའི་ཕྱིར་བལྟས་ལན་གསུམ་བྱས།།

དར་དཀར་པོས་མཐའ་མཚམས་བརྒྱན་ནས་འདུག།

ཨ་སྐྱོ་བ་ལ།ཨ་་་་་སྐྱོ་བ་ལ།ཨ་་་་་སྐྱོ་བ་ལ།

ཡི་མུག་ལེ་རྒས་ལོ་ལོན་དུས་རེད།།

ཡ་མཚར་ལེ་ཤི་ཕོ་ཆོས་མེད་རེད།།

ཨོཾ་མ་ཎི་་་་ཨོཾ་མ་ཎི་་་ཨོཾ་མ་ཎི་པདྨེ་ཧཱུྃ།་་་་་་་་་་

ཚེ་འདི་ཕྱི་གཉིས་ལ་གོད་དང་བར་ཆད་མི་ཡོང་བའི་སྐྱབས་འཇུག་སྙིང་ནས་ཞུ།

མཐོ་རི་བོའི་མགོ་ནས་ནོར་ལུག་མར་མར་བབས།

ཡིད་སྐྱོ་ལེ་ཕྱིར་བལྟས་ལན་གསུམ་བྱས།།

གངས་དཀར་པོས་དབུ་ཞྭ་མནབ་ནས་འདུག།

འོ་་་་སྐྱོ་བ་ལ།ཧོ་་་སྐྱོ་བ་ལ།སྐྱོ་བ་ལ།

ཞེ་ཆགས་ལེ་འཇིག་རྟེན་འཁོར་བ་ན།།

ཡིད་སྐྱོ་ལེ་ཤི་གསོན་བྱེ་དུས་རེད།།

ཨོཾ་མ་ཎི་་་་་ཨོཾ་མ་ཎི་་་ཨོཾ་མ་ཎི་པདྨེ་ཧཱུྃ།་་་་་་་་་

ཚེ་འདི་ཕྱི་གཉིས་ལ་གོད་དང་བར་ཆད་མི་ཡོང་བའི་སྐྱབས་འཇུག་སྙིང་ནས་ཞུ།