ངོ་མཚར་རྨད་བྱུང་སྣང་གསལ་སྨོན་མེ་འདི། །
བསྐལ་བཟང་སངས་རྒྱས་སྟོང་་རྩ་་ལ་སོགས་པའི། །
རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི། །
བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །
དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕུལ་བ་ཡིས། །
ཕ་མས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི། །
ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །
རྫོགས་སངས་རྒྱས་པའི་ཞིང་ཁམས་མྱུར་ཐོབ་ནས།།
འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག།
དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱི། །
བདེན་པའི་མཐུ་ཡིས་སྨོན་ལམ་འདི་བཏབ་དེ། །
མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།།