所谓爱情

歌手: 格杰白玛

ཕ་གི་བུ་མོ་མཛེས་མ་ལགས།

ང་ཡིས་ཁྱེད་ལ་གླུ་ཞིག་འབུལ་འདོད།

མཛེས་པའི་བུ་མོ་ཁྱེད་ཀྱིས་གསན་རོགས།

བུ་ཆུང་ང་ཡི་གླུ་ལ་གསན་རོགས།

ཁྱེད་ཀྱི་སྤྱན་གྱིས་དེ་འདྲ་ང་ལ་མ་གཟིགས་རོགས།

བུ་ཆུང་ང་རང་ད་དུང་དུང་གཅིག་པུ་ཡིན།

ཨ་ཙི་་་བུ་མོ་དེ་འདྲ་ང་ལ་མ་ལྟ་རོགས།

ང་ཡི་སེམས་པ།ང་ཡི་སེམས་པ།ཁྱེད་ཀྱིས་འཕྲོག་ངེས་རེད།

སོ་ཨོཾ་་་་་་སོ་ཨོཾ་་་་་

ཁྱེད་ཀྱི་སྤྱན་གྱིས་དེ་འདྲ་ང་ལ་མ་གཟིགས་རོགས།

བུ་ཆུང་ང་རང་ད་དུང་གཅིག་པུ་ཡིན།

ས་མཐར་འཁྱམས་པའི་བུ་ཆུང་ང་ཡིས།

བརྩེ་དུང་གང་འདྲ་ཡིན་པ་མ་ཤེས།

མཛེས་པའི་བུ་མོ་ཁྱེད་ཀྱིས་གསན་རོགས།

ཕར་དགའ་ཚུར་དགའ་བརྩེ་དུང་ཟེར་བ་ཨེ་རེད།

རྒྱུ་དང་དངུལ་དང་ཅི་ཡང་མེད་པའི།

བུ་ཆུང་ང་ལ་ཁྱེད་རང་དགའ་འུ་ཨེ་འདུག

མཛེས་པའི་བུ་མོ་ཁྱེད་ཀྱིས་ང་ལ་སྙིང་གཏམ་བཤད་རོགས།

སྒོར་མོ་མེད་ན་བརྩེ་དུང་ཟེར་བ་ཡོད་པ་ཨེ་རེད།

སོ་ཨོཾ་་་་་་སོ་ཨོཾ་་་་་

རྒྱུ་དང་དངུལ་དང་ཅི་ཡང་མེད་པའི།

བུ་ཆུང་ང་ལ་ཁྱེད་རང་དགའ་འུ་ཨེ་འདུག

མཛེས་པའི་བུ་མོ་ཁྱེད་ཀྱིས་ང་ལ་སྙིང་གཏམ་བཤད་རོགས།

སྒོར་མོ་མེད་ན་བརྩེ་དུང་ཟེར་བ་ཡོད་པ་ཨེ་རེད།