意中拉姆

歌手: 格杰白玛

༄༅།།ཡིད་འཕྲོག་ལྷ་མོ།།

གེ་རྒྱལ་པད་མ།

རི་བོ་ཇོ་མོ་གླང་མ། འཛམ་གླིང་ཕྱོགས་ལ་གཟིགས་དང་།

ང་ཡི་ཡིད་འཕྲོག་ལྷ་མོ། གང་དུ་ཡོད་མེད་གཟིགས་དང་།

ང་དང་ཁོ་མོའི་ལས་འཕྲོ་རྫོགས་པའི་དུས་ལ་སླེབས་ནས།

བརྩེ་དུང་རྡོ་རྗེའི་མདུད་པ་ནམ་ཡང་བརྗེད་ཀྱི་མ་རེད།

འོ་་་་ཙ་ར་ར།

འོ་་་་

བརྩེ་དུང་རྡོ་རྗེའི་མདུད་པ་ནམ་ཡང་ཞིག་གི་མ་རེད།

རི་བོ་ཇོ་མོ་གླང་མ། འཛམ་གླིང་ཕྱོགས་ལ་གཟིགས་དང་།

ང་ཡི་ཡིད་འཕྲོག་ལྷ་མོ། གང་དུ་ཡོད་མེད་གཟིགས་དང་།

ང་དང་ཁོ་མོའི་ལས་འཕྲོ་རྫོགས་པའི་དུས་ལ་སླེབས་ནས།

བརྩེ་དུང་རྡོ་རྗེའི་མདུད་པ་ནམ་ཡང་བརྗེད་ཀྱི་མ་རེད།

ཆུ་མོ་ཡར་ཀླུང་གཙང་པོ་རྒྱལ་ཁམས་བསྐོར་གྱི་ཡོད་ན།

ང་ཡི་ཡིད་འཕྲོག་ལྷ་མོར་འཕྲིན་པ་ལན་གསུམ་བསྐྱལ་རོཊ

ང་དང་ཁོ་མོའི་བར་ལ་ཚིག་གསུམ་བཤད་འཕྲོ་ལུས་ཡོད།

དུང་གི་མུ་ཏིག་ཕྲེང་བ་འཐོར་འགྲོ་བསམ་བ་མི་འདུག

འོ་་་་ཙ་ར་ར།

འོ་་་་

དུང་གི་མུ་ཏིག་ཕྲེང་བ་འཐོར་འགྲོ་བསམ་བ་མི་འདུག

འོ་་་་ཙ་ར་ར།

འོ་་་་

བརྩེ་དུང་རྡོ་རྗེའི་མདུད་པ་ནམ་ཡང་བརྗེད་ཀྱི་མ་རེད།

བརྩེ་དུང་རྡོ་རྗེའི་མདུད་པ་ནམ་ཡང་བརྗེད་ཀྱི་མ་རེད།

全部歌词: 意中拉姆 - 格杰白玛 - 歌词仓