雪域儿子的希望

歌手: 根呷

གངས་ཕྲུག་གི་མདུན་ལམ་

གཞས་པ་ ཀུན་དགའ་

གཞས་ཚིག་དིང་ཕྲུག་སྐལ་བཟང་གི་སྒྲིག།

སྤུན་ཟླ་རྣམ་པ་བཀྲ་ཤིས་བདེ་ལེགས་ཡོང་བ་ཤོག།

ང་གངས་ཕྲུག་གངས་རིའི་འདབས་ནས་སྐྱེས་ཡ་འདབས་ནས་སྐྱེས།

གང་དཀར་པོའི་བཀའ་དྲིན་མ་བརྗེད་ཟེར་མ་བརྗེད་ཟེར།

ཨེ་མ་ གངས་རིའི་ཚོ་གྲོགས་པོའི་མདུན་ལམ་གང་རེད་གང་རེད་ཟེར།

ང་ཚོ་ལ་རྒྱ་སྙིང་ནས་སྐྱོངས་ཡ་སྙིང་ནས་སྐྱོངས།

ང་ཚོ་ཕ་ཡུལ་གངས་ལྗོངས་ཡ་ལ་རེད་ཡ་ལ་རེད།

གངས་རིའི་སྤུན་ཟླའི་ལ་རྒྱ་མ་བརྗེད་ཟེར་ཡ་ཟེར།།

ང་གངས་ཕྲུག་གསེར་ལྗོངས་ཡུལ་ལ་སོང་ཡ་ཡུལ་ལ་སོང་།

བན་སེར་མོ་ཞིག་ལ་བགྲོད་གླེང་བྱས་བགྲོད་གླེང་བྱས།

ཨེ་མ་ གངས་རིའི་ཚོ་སྤུན་ཟླ་ཁྱེད་ཀྱི་མདུན་ལམ་གང་རེད་ཟེར་ཡ།

ཁྱེད་ཀྱི་མདུན་ལམ་རིག་པའི་གནས་ལ་སྦྱོངས་ཡ་ལ་ཟེར།

གངས་རིའི་ལ་རྒྱ་སྐྱོང་བའི་གངས་ཕྲུག་ཚོ་ཡ་ལ་གསོལ།

གངས་རིའི་ལ་རྒྱ་རིག་པའི་གནས་ལ་སྦྱོངས་ཡ་ལ་ཟེར་ ཟེར་ཡ་ལ་ཟེར།

ང་གངས་ཕྲུག་བདེ་ཆེན་གྲོང་ན་སོང་ཡ་ གྲོང་ན་སོང་།

ངས་མི་རྒན་ཞིག་ལ་གཏམ་ཞིག་དྲིས་གཏམ་ཞིག་དྲིས།

ཨེ་མ་གངས་ཕྲུག་གཞོན་ནུ་ཁྱེད་ཀྱི་མདུན་ལམ་གང་རེད་ཟེར་ཡ།

ཁྱེད་ཀྱི་མདུན་ལམ་སྤུན་ཟླ་ནང་མཐུན་མཐུན་ཡ་ལ་ཟེར།

ང་ཚོ་ཕ་ཡུལ་གངས་ལྗོངས་ཡ་ལ་རེད་ཡ་རེད།

སྤུན་ཟླ་ནང་མཐུན་མདུན་ལམ་གཅིག་པུ་འཚོལ་ཡ་ལ་གསོལ།

ཡ་ལ་གསོལ།

全部歌词: 雪域儿子的希望 - 根呷 - 歌词仓