心之宠

歌手: 才让东珠

སྙིང་གི་ཤམ་བུ།

ཚིག་རྩོམ་མཁན། གངས་དཔལ།

དབྱངས་རྩོམ་མཁན། ཚེ་རིང་དོན་འགྲུབ།

གཞས་ལེན་མཁན། ཚེ་རིང་དོན་འགྲུབ།

གཞས་ཚིག་སྒྲིག་སྦྱོར། ཡེ་ཤེས་འོད་ཟེར།

ཨ་ལ་རོགས།

འདི་ནས་ཡར་ལ་བལྟས་པའི་ཕ་ཡུལ་གྱི།།

སྐེ་རྒྱན་གཡུ་བྱུར་བཏགས་པའི་བུ་མོ་དེ།།

ཨ་ལ་རོགས།

གླུ་སྐད་རྫ་ཆུ་འདྲ་བའི་བུ་མོ་དེ།།

ཨ་ལ་རོགས།

སེམས་ཀྱི་སྒོ་གླེགས་རྡུང་བའི་མགྲོན་པོ་ཡིན།།

ཨ་ལ་རོགས། ཆུང་ལ་ཡེ། ཆུང་འདྲིས་ལ་རོགས།

ཨ་ལ་རོགས།

ཉི་ཟླ་རྣ་ལོང་ཡིན་པའི་རྩྭ་ཐང་གི།

བྱམས་ལ་བརྩེ་བ་འཁྱིལ་བའི་བུ་མོ་དེ།།

ཨ་ལ་རོགས།

གཤིས་ཀ་བལ་དཀར་འདྲ་བའི་བུ་མོ་དེ།།

ཨ་ལ་རོགས།

ཡིད་ཀྱི་རི་ཚོགས་ཉུལ་བའི་ཡུ་མོ་ཡིན།།

ཨ་ལ་རོགས། ཆུང་ལ་ཡེ། ཆུང་འདྲིས་ལ་རོགས།

ཨ་ལ་རོགས།

མེ་ཏོག་ཟེ་བ་ལྡེམ་པའི་འབྲོག་ཐང་གི།

མིག་ཟུང་མཆོང་ཁྲ་འདྲ་བའི་བུ་མོ་དེ།།

ཨ་ལ་རོགས།

ཤ་རྩ་དམར་སྨུག་ཡིན་པའི་བུ་མོ་དེ།།

ཨ་ལ་རོགས།

ཨ་འཇམ་ཚ་རུའི་ནང་གི་དྲན་ཤིང་ཡིན།།

ཨ་ལ་རོགས། ཆུང་ལ་ཡེ། ཆུང་འདྲིས་ལ་རོགས།

ཨ་ལ་རོགས། ཆུང་ལ་ཡེ། ཆུང་འདྲིས་ལ་རོགས།

བཀའ་དྲིན་ཆེ།

全部歌词: 心之宠 - 才让东珠 - 歌词仓