ཨ་རོག་ཁམས་པ་ལེགས་མོ་ལེགས་ཤོག།
བསོ་ཡ་ལ། ས་ལ་རེག་པ། ས་གཞི་གསེར་གྱི་བྲོ།
བསོ་ཡ་ལ། ས་ལ་རེག་པ།ས་གཞི་གསེར་གྱི་བྲོ།
ཨ་རོག་ཁམས་པ་ལེགས་མོ་ལེགས་ཤོག།
བསོ་ཡ་ལ། གནམ་ལ་རེག་པ། མཎྜལ་དངུལ་གྱི་བྲོ།
བསོ་ཡ་ལ། གནམ་ལ་རེག་པ། མཎྜལ་དངུལ་གྱི་བྲོ།
ཨ་རོག་ཁམས་པ་ལེགས་མོ་ལེགས་ཤོག།
བསོ་ཡ་ལ།རིགས་ལ་དགའ་བ།རིགས་གསུམ་མགོན་པོ་བྲོ།
བསོ་ཡ་ལ།རིགས་ལ་དགའ་བ། རིགས་གསུམ་མགོན་པོ་བྲོ།索
ཨ་རོག་ཁམས་པ་ལེགས་མོ་ལེགས་ཤོག།
བསོ་ཡ་ལ། ཕྱོགས་ལ་དགའ་བ།རྒྱལ་ཆེན་བདེ་བཞི་བྲོ།
བསོ་ཡ་ལ། ཕྱོགས་ལ་དགའ་བ། རྒྱལ་ཆེན་བདེ་བཞི་བྲོ།